
ཆོས་ཕྱོགས་གསལ་བསྒྲགས།
དད་པ་དང་དམ་ཚིག་གི་ཐུགས་སྒོ་ཡངས་པའི་རིག་འཛིན་ཕོ་མོ་ཡོངས་ལ་ཞུ་གསོལ།
དེ་ཡང་ གསང་སྔགས་རྙིང་མའི་གདན་ས་འབྲུག་ཀྲོང་གསར་གསང་ཆེན་ཨོ་རྒྱན་གཙུག་ལག་དགོན་པའི་འདུས་སྤྱི་ནས། དུས་གསུམ་རྒྱལ་བའི་སྤྱི་གཟུགས་དུས་རབས་ཀྱི་སྟོན་པ་བཀའ་བབས་བདུན་ལྡན་༧རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རྡོ་རྗེ་འཆང་མཆོག་ལ་ རིང་མོའི་ལམ་ནས་དཔལ་རྒྱལ་བའི་དབང་པོ་ཀུན་མཁྱེན་རང་འབྱུང་རྡོ་རྗེའམ་རིག་འཛིན་འཇིགས་མེད་གླིང་པའི་ཟབ་གཏེར་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་ཁྲིད་དང་བཅས་པ་སྩོལ་གནང་བར་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་ཀྱི་དབུགས་དབྱུང་ཟབ་མོ་ཐོབ་པ་འདི་ཡང་ལོ་འཁོར་ཕྱི་མོ་སྟེ་རང་ལུགས་གནམ་ལོ་མེ་མོ་ལུག་ལོ་ཟླ་༢ ཚེས་༡༨ ནས། ཟླ་༣ ཚེས་༣ བར་རམ། ཕྱི་ལོ་༢༠༢༧ ཟླ་༤ ཚེས་༢༣ ནས་ཟླ་༥ ཚེས་༩ བར་བདུན་ཕྲག་གཉིས་ཀྱི་རིང་ཀློང་ཆེན་སྙིང་ཐིག་རྩ་པོད་ཀྱི་དབང་ལུང་ལས་གཞུང་བསྙེན་ཡིག་རྣམས་ཀྱི་ཁྲིད་ཀ་དང་དེའི་སྟེང་དུ་བསྐྱེད་རིམ་འོག་མིན་འགྲོད་པའི་ཐེམ་སྐས་ཀྱི་བཀའ་ཁྲིད་ཟབ་མོ་ བཅས་ངེད་ཅག་སློབ་འབངས་ཡོངས་ལ་བཀའ་དྲིན་སྩོལ་གནང་མཛད་རྒྱུ་ཡིན་པས་ཕྱོགས་མཐའ་ལ་བཞུགས་པའི་རིས་མེད་ཀྱི་བླ་སྤྲུལ་མཁན་སློབ་སྐྱ་སེར་ཡོངས་ལ་གཏམ་བཟང་གི་གསལ་བསྒྲགས་ཤིག་ཞུ་བ་དང་ཆབས་ཅིག་དེ་ལུགས་ཚུལ་བཞིན་མཁྱེན་འདོད་ཡོད་ན་དབང་ལུང་འགོ་སྒྲིགས་ཚོགས་པ་དང་མཉམ་དུ་འབྲེལ་བ་མཛད་གནང་བར་ཞུ་ཞུ་ཞུ།
འབྲེལ་བ་གནང་ཡུལ།
• མཁན་པོ་འཇིགས་མེད་བརྩོན་འགྲུས +97577380774
• མཁན་པོ་ཐུབ་བསྟན་རྣམ་རྒྱལ། +97577661007
• ཚེ་རིང་དབང་འདུས། +97517686970༼ཕྱི་རྒྱལ་སྐུ་མགྲོན་འབྲེལ་ཡུལ།༽
Email; info@ogyentsuklag.org




